Friday, 30 November 2012

རླུང་ཚུབ་བུགས་ཀྱིས་ལྡང་བྱུང་
འདབ་མ་དལ་གྱི་སྤུར་ཐལ་
ངའི་སེམས་པ་ཆུང་ཆུང་
དེ་དང་མཉམ་དུ་ཁྱེར་བྱུང་
འབྲུག་སྐད་གནམ་ནས་གྲགས་བྱུང་
གློག་འོད་བར་ནས་འཁྱུག་སོང་
སྙིང་གྱི་གས་ཆག་གསེབ་ནས་
ཁྲག་ཐིགས་དལ་གྱི་ལྷུང་སོང་
མདང་དགོང་ཁ་བ་བབ་སོང་
ལ་ཙེ་གངས་ཀྱིས་བཏུམ་ཤག་
རི་བོའི་ཙེ་ལ་ཛེགས་ནས་
རྒྱང་འབོད་ལེན་གསུམ་བྱས་འདོད།

No comments:

Post a Comment